Friday, December 26, 2008

གནམ་གྱི་མཐའ་དང་ས་ཡི་སྟེང་ན།

ལས་དབང་གི་དར་ཐག་དེའི་སྣེ་ནསྒྲོལ་མ་ལྟ་བུའི་མཛེས་མ་ཞིག་མི་འདུགཁོ་མོ་འགྲོ་ཁར་འཛུབ་དཀྲིས་བསྐྱུར་སོང་མོདསྒྲོལ་མ་དྲན་སྟངས་དེ་དྲན་ཚུལ་གཞན་ཞིགལོ་ཟླ་འཁྱག་སིབ་སིབ་ སེམས་པ་འཁྱག་སིབ་སིབསྒྲོལ་མ་དྲན་ཚུལ་དེ་དམར་པོ་མེ་དྲན་པ་ཡིན

སྒོ་མོ་དང་སྒེའུ་ཁུང་གཏད་ཀྱང སྒྲོལ་མ་མི་ཁོགམི་ཁོག་པའི་དབང་གིས་སྒྲོལ་མ་ཡོང་སྟངས་ཀྱང་གཞན་ཞིག སྒྲོལ་མ་དགོད་བཞིན་ཐོན་ན ཁོ་བོའི་ཁང་ཆུང་གི་ཉི་མ་ཡིན་ལསྒྲོལ་མ་ངུ་བཞིན་སླེབས་ན ཁོ་བའི་ཡ་ཆུང་གི་སྨུག་པ་ཡིན
གཏན་བདེའི་ཕ་རོལ་གྱི་སྣང་བ་འདི་མུན་པ་ཞིག་གིས་ཚོད་ཀྱིས་སླེབས་ནའངང་དང་སྒྲོལ་མའི་བར་ན་སྨིག་སྤྲིན་ལྟ་བུའི་རློན་ཤ་ཞིག་ངང་གིས་འཁོར་ཡོད
མཚན་མོར་ཟླ་བ་བཟི་སྣང་གིས་གཉིད་དུས ང་དང་སྒྲོལ་མ་གཉིས་ཀ ཕ་མའི་ཨུ་ཚུགས་ཀྱི་ལྕགས་སྒྲོག་གིས་མ་ཐུབ་པར དུང་ཤ་ཞིག་གི་ཧྲག་བར་ནསསྙིང་ཆུང་གཉིས་ཀྱི་འཕར་ལྡིང་ལ་མཉན་བཞིན་ཡོད

ཉི་མ་དེ་རིང་ནས་བཟུང
གནམ་གྱི་མཐའ་དང་ས་ཡི་ཐོག་ན་ སྐད་ཆེན་པོས་ངུ་བཞིན་པ་སྒྲོལ་མ་དང་ངེད་གཉིས་ཡིན་ལ ཤུགས་ཆེན་པོས་དགོད་བཞིན་པ་ཡང་སྒྲོལ་མ་དང་ངེད་གཉིས་ཡིན་མདོར་བསྡུས་ན་ཇི་སྲིད་དུ ནམ་ཡང་ས་མཚམས་མེད་པར་ལྷོག་ལྷོག་ཏུ་ལྡིང་བཞིན་པ་ནི་སྒྲོལ་མ་དང་ངེད་གཉིས་ཡིན ༢༠༠༨།༨།༢༠
མཆོད་མེ་དྲ་རྒྱའི་རྩོམ་སྒྲིག་པ་ལགས། ཉེ་ཆར་ཁྱེད་ཅག་གིས་ཁོ་བོའི་རྩོམ་དེ་དྲ་རྒྱའི་སྟེང་བཀོད་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཡང་བསྐྱར་རྩོམ་ཞིག་བསྐུར་ཡོད་པ་དགྱེས་བཞེས་ཡོད་པ་ཞུ།

No comments:

Post a Comment

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།