ཁྱོས་ནི་རྙེད་པ་ཡིན་ནམ།།
ང་ཡིས་བོར་བ་ཡིན་ནམ།།
བརྩེ་བའི་ཨ་ལོང་སྒོར་མོ།།
ཁྱོད་ལ་ཡོད་པ་ཅི་ཡིན།།
སྲང་ལམ་སྒང་མའི་ཁ་ནས།།
ཟུར་མིག་རྒྱག་དོན་ཅི་ཡིན།།
བུ་ཆུང་ལོ་གཞོན་ཞིག་ལ།།
སེམས་པ་ཤོར་ནི་ཨེ་ཡིན།།
བལྟས་ན་ཁྱེད་ཀྱང་མཛེས་གི།
འགྲོགས་ན་ང་ཡང་འགྲིག་ཡོད།།
ལས་སྐལ་དམར་པོ་ཞིག་ལ།།
ཚོད་ལྟ་ཐེངས་ཤིག་བྱེད་དམ།།
ཁྱོད་ཀྱི་མདུན་གཟུགས་ཡག་གི།
སིལ་སྡོང་འགོ་ཡི་སིལ་ཏོག།
རང་ལ་ཡོད་པའི་མདངས་དེ།།
ཡོད་པ་ཁྱོས་ཀྱང་ཤེས་འདུག།
ཁྱེད་ཀྱི་རྒྱབ་གཟུགས་ཡག་གི།
ཙ་རིར་སྐྱེས་པའི་སྙུག་མ།།
སྐྱེ་ཡག་རི་མོའི་ཁ་འདིར།།
ལས་སྐལ་ཐེབས་འགྲོ་ཨེ་བསམས།།
མཐོན་པོ་མཐོན་པོ་ཞིག་ལ།།
ཁྱེད་ཀྱིས་ཡར་ར་མ་ལྟ།།
ང་ནི་དམའ་ས་ཞིག་ན།།
གཞན་གྱི་རྒྱབ་ཏུ་ལྷག་ཡོད།།
No comments:
Post a Comment
འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།