Saturday, September 3, 2011

ཆར་བ།

ཆར་བ།

རེ་རྐང་གླིང་།

ཆར་བ་དེ་མུ་ཏིག་གི་རྒྱུན་ཐག་འཐོར་བ་བཞིན

དཀར་སོབ་སོབ་ངང་ཁྱོད་ཀྱི་སེམས་ལ་འབབ་དུས་སུ

བསྡུས་བརྗོད་ཀྱི་ལག་པ་མ་བཙུགས་པའི་ཁྱོད་ཀྱི་སྙིང་ཆུང་དེ

ཅི་འདྲའི་ཞེ་མེར་བ་ལའང

ལོ་ཟླ་སྐད་ཅིག་གིས་འདས་པའི་དུས་ཀྱི་རྦ་ཀློང་ཁྲོད

ཆར་བ་ནི་དུས་ཚོད་ཀྱི་མིག་ཟུང་གསལ་བའི་ངལ་རྩོལ་བ་ཞིག་སྟེ

འཁྱག་ཤིར་ཐེབས་པའི་ཕྱེ་མ་ལེབ་ཅིག་གི་རྨི་ལམ་སྒུལ་བ་ཇི་བཞིན

རང་བྱུང་གི་བྲག་རྡོ་དག་ལའང བརྩེ་བའི་མིག་ཆུ་བཞུར་དུ་འཇུག

བརྩེ་དུང་གི་རྨུ་ཐག་ལ་འཐམ་པའི་རྨི་ལམ་གྱི་སྡོང་བོར་སེར་ཀ་ཤོར་ཉིན་ནས

ཕུགས་བསམ་གྱི་ལོ་མའི་སྟེང་ལ་བབས་པའི་རྐང་ཐང་གི་ཆར་བ་དེ་ཡང

ལྕགས་ཀྱི་རིལ་བུ་མང་པོ་ཞིག་གི་ཚུལ་གྱིས

འཕྲུལ་འཁོར་གྱི་སྒལ་གཞུང་ནས་འགུལ་སྐྱོད་ལ་བྲེལ་དུས

རང་གི་རྩ་ལམ་ན་རྒྱུ་བཞིན་པའི་ཟུང་ཁྲག་གི་འདུར་རྒྱུག་དེ་ཡང

དུས་རབས་ཀྱི་བརྡབ་གསིག་ལས་བཏོན་པའི

ཇག་པ་མང་པོ་ཞིག་གི་རྔུལ་ཆུ་ཡིན་ན་བསམ་ཞིང

ཟམ་ཟིམ་འབབ་པའི་ཆར་བ་དེ་ལའང

ཁེར་རྐྱང་གི་སེམས་ངོ་ཞིག་ཚུགས་ནས་ཡོད་པ་རྟོགས་སོང

2011.8.4 དགོང་མོར།

1 comment:

  1. རེ་རྐང་གླིང་གི་ཟིན་བྲིས་འདི་ནི་ད་ལྟའི་སྐབས་རང་མོས་སྙན་ངག་འབྲི་མཁན་ཁག་ལ་ཕན་ཐོགས་ཆེ་བས་ཆེད་དུ་འདིར་སྤེལ་བ་ཡིན་ན། རྩོམ་ཡིག་ལ་དོ་སྣང་བྱེད་མཁན་དག་གིས་སེམས་ཀྱི་རྒྱག་ཕྱེ་རུ་སྤིན་པར་ཤོག་ཅིག་གུ
    ང་དུར་ཁྲོད་ཀྱིས།

    ReplyDelete

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་པོད་ཁུག་གི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས།

ཟིན་བྲིས་ནང་ལོགས་ཀྱི་ཆེད་སྒྲིག།

ཟིན་ཐོ་སྤེལ་གྲངས་ཐ་མར་ལྟ་བ།

luntsom

བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།
བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།
ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།
བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།

བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།
ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།
སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།
མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།

བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།
གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།
རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།
སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།

སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།
སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།
ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།
འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།

སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།
ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།
ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།
ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།
འཁྱམ་པོ་གངས་རིའི་འོད་ཟེར།